༡ བཀའ་ཟུར་དམ་པ་དེ། དགུང་ལོ་བཅོ་བརྒྱད་ནས་བཟུང་བོད་མིའི་བདེན་དོན་འཐབ་རྩོད་དང་། སྤྱི་ཚོགས་ཀྱི་ཕན་བདེའི་ཆེད། ཐོག་མར་སྐད་སྒྱུར་དང་། དེ་ནས་དགེ་རྒན། དགེ་ཆེ། གཞུང་ཞབས་ལས་བྱེད། ཤེས་ཡོན་འགན་འཛིན། ཤར་ཡུ་རོབ་དང་། ཉི་ཧོང་། ཨོ་སི་ཊོ་ལི་ཡ་བཅས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དོན་གཅོད་གནང་སྟེ་བགྲེས་ཡོལ་དུ་ཕེབས། དེ་ནས་བཀའ་བློན་དུ་འདེམས་ཐོན་ལྟར་འཕྲོད་བསྟེན་བཀའ་བློན་གནང་བ་བཅས་༸གོང་ས་མཆོག་གི་བཀའ་དགོངས་དང་བོད་མིའི་རྩ་དོན་ལ་ཕན་པའི་ཞབས་ཞུ་བཟང་མཐར་འཁྱོལ་བ་གནང་སོང་བར་རྗེས་དྲན་ཞུ།


ཆོས་དང་རིག་གཞུང་། མི་རིགས་བཅས་ཀྱི་སྲོག་རྩ་ཡིན་པར་ངོས་འཛིན་དང་། སྐད་ཡིག་སློབ་སྦྱོང་དང་དར་སྤེལ་ཐུབ་ན། ང་ཚོའི་མི་རིགས་དུས་ནམ་ཡང་རྩ་མེད་དུ་འགྲོ་མིི་སྲིད་ཅེས་གསུངས་ཏེ། དེའི་ཐད་ལག་ལེན་དངོས་ཀྱི་ནང་རང་ངོས་ནས་ཕྱག་ལས་དང་གཞན་ལ་ཡང་བརྒྱུད་སྐུལ་གནང་བ་དཔེར་ན། ཁོང་གི་བུ་ཕྲུག་རྣམས་ཕྱི་རྒྱལ་ཡུལ་ལུང་དུ་སྐྱེ་འཚར་བྱུང་ཡང་། བོད་སྐད་བོད་ཡིག་གི་གནས་ཚད་མིག་དཔེར་འོས་པ་ཡོད་ཐོག ཨོ་གླིང་ནང་། ཁོང་དང་ཁོང་གི་ཁྱིམ་ཚང་གིས་འགྲོ་སོང་ནར་གཏོང་གིས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་མཁས་པ་རྣམས་བསྡུ་སྐོང་གིས་ཚོགས་འདུ་སྔ་རྗེས་ཐེངས་ཁ་ཤས་འཚོགས་པ་དང་། ཨོ་གླིང་གི་བོད་ཡིག་དྲ་རྒྱ་ཐོག་མ་<<མ་ཡུམ་>> (mayum.net)ཞེས་པ་དེ། ཁོང་གི་གྲོས་འདོན་དང་མཐུན་རྐྱེན་སྦྱར་ཏེ་བྱུང་བ་ཞིག་རེད། བོད་ཀྱི་སྐད་ཡིག་དེ་བོད་མི་རིགས་དང་བོད་ཀྱི་ཆོས་རིག་གི་ཨ་མ་ལྟ་བུར་དགོངས་བཞེས་ཀྱིས་དྲ་རྒྱའི་མིང་<<མ་ཡུམ་>>ཞེས་པ་དེ་ཡང་ཁོང་སྐུ་ངོ་མས་བཏགས་གནང་བ་རེད།
པའི་ནང་ངོ་མཇལ་སྐབས་གསུང་བྱུང་བས་རིང་མིན་པར་སྐྲུན་ཡོང་ངེས། དེ་བཞིན་ཁོང་གིས་རྒྱ་ནག་དང་བོད་ནང་ཕེབས་ཏེ་བོད་རྒྱའི་དབར་འབྲེལ་མཐུད་ཕྱག་ལས་གནང་བའིི་སྐོར་གྱི་དཔེ་དེབ་<<བོད་རྒྱ་གསང་བའི་བརྒྱུད་ལམ་>>ཞེས་པ་བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་གནང་ཡོད།

