མདུན་ངོས། སྙན་ངག བླ་མ་ཐུབ་བསྟན...

བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེར་གསོལ་འདེབས།

༥༨
Lama Zopa Rinpoche writing mantras on a stone, Buddha Amitabha Pure Land, Washington, USA, November 16, 2010. Photo by Ven. Thubten Kunsang.

བལ་པོའི་ཡུལ་འཁྲུངས་དམ་པའི་རང་རྟགས་གསལ།།
འཁྲུལ་ཞིག་བླ་མས་འཁྲུལ་མེད་ངོས་འཛིན་གནང་།།
གྲོ་མོའི་གྲྭར་ཞུགས་ཐོས་བསམ་སློབ་གཉེར་མཛད།།
ཀུན་བཟང་ཡེ་ཤེས་སྤྲུལ་བར་གསོལ་བ་འདེབས།།

Lama Zopa Rinpoche as a teenager, around 1965.

 

དུས་འགྱུར་རྗེས་སུ་འཕགས་པའི་ཡུལ་དུ་ཕེབས།།
སྦག་སའི་འདུལ་འཛིན་དང་འགྲོགས་གདམ་པ་གསན།།
དཀའ་སྤྱད་སློབ་གཉེར་ཉམས་རྟོགས་ལྷག་ཏུ་འཕེལ།།
བཟོད་པའི་རྒྱན་ཆེན་འཆང་ལ་གསོལ་བ་འདེབས།།

 

Lama Yeshe and Lama Zopa Rinpoche near Lawudo Retreat Center, 1970. Photo by Terry Clifford.

བལ་ཡུལ་ཕེབས་ཏེ་བླ་མ་ཡེ་ཤེས་ལྷན།།
ཕོ་དགོན་བྱང་ཆུབ་ཆོས་ཀྱི་གླིང་ཆེན་དང་།
མོ་དགོན་མཁའ་སྤྱོད་དགའ་བ་འཁྱིལ་བ་བཏབ།།
བསྟན་པའི་གསལ་བྱེད་ཆེན་པོར་གསོལ་བ་འདེབས།།

Lama Zopa Rinpoche and Lama Yeshe, Chenrezig Institute, Australia, 1975. Photo by Nick Ribush.

ནུབ་ཕྱོགས་ཕེབས་ཏེ་ཐེག་ཆེན་ཆོས་ཚོགས་བཏབ།།
ཤར་ནུབ་ཀུན་ཏུ་དེ་ཡི་ཡན་ལག་བཙུགས།།
ལྷག་པའི་བསམ་པས་བསྟན་པ་ཕྱོགས་བཅུར་སྤེལ།།
ཟླ་མེད་འཕྲིན་ལས་དབང་པོར་གསོལ་བ་འདེབས།།

Lama Zopa Rinpoche painting Tara, Kopan Monastery, Nepal, 1976.
Lama Zopa Rinpoche feeding people on the street, Bodhgaya, India, 1982. Photo courtesy of LYWA.
Rinpoche stopped to recite mantras to this piglet, Nepal, February 14, 2008. Photo by Ven. Thubten Kunsang.

ནད་པར་སྨན་དང་དབུལ་ལ་འབྱོར་བ་དང་།།
བྱིས་པར་སློབ་གྲྭ་གྲྭ་སར་མཐུན་རྐྱེན་ཏེ།།
ཀུན་ཕན་མཛད་པས་མཆོག་དམན་མགུ་མཛད་པའི།།
རྒྱལ་སྲས་སེམས་པ་ཆེན་པོར་གསོལ་བ་འདེབས།།

རྩོམ་སྔ་མ།བགྲོ་གླེང་གི་ལུས་ཀྱི་རྣམ་གཞག་དང་འབྲེལ་བའི་གཏམ་བཤད།
ཆུང་ཚེ་རིང་།
ཆུང་ཚེ་རིང་། བོད་དུ་སྐྱེས། རྒྱ་གར་དང་ཁེ་ཎ་ཌ། ཧྥ་རན་སི་སོགས་སུ་སློབ་སྦྱོང་དང་ལས་ཀ་བྱས། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་པ་དང་ཉམས་ཞིབ་པའི་འགན་ཁུར་མྱོང་། ད་ལྟ་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དཔོན་དང་། མི་རིགས་སྤྱི་ཚོགས་ཞབས་ཞུ་མཉམ་ལས་ཁང་གི་ལས་འཆར་འགན་འཛིན། ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་མི་ཆའི་ལས་ཁུངས་ཀྱི་སྐད་སྒྱུར་བ་བྱེད་མུས།

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།