མདུན་ངོས། སྒྱུར་རྩོམ། མི་ཚེའི་དོན་ས...

མི་ཚེའི་དོན་སྙིང་ངོ་མ། (སྐད་གཉིས་ཤན་སྦྱར)

༡༥༠༩༤༣༤

ཆུང་ཚེ་རིང་གིས་བསྒྱུར།

མིག་ཟུམ་ཙམ་གྱི་དུས་ཡུན་ནང་།།

ལོ་ཟླ་ཕྱིར་འོང་མེད་པར་སོང་།།

དགའ་དང་སྐྱོ་བའི་སྐབས་དག་ཀྱང་།།

དེ་དང་མཉམ་དུ་འཕུར་ནས་མེད།།

The Years have passed by,

In the blink of an eye,

Moments of sadness,

And joy have flown by.

ཁོ་བོ་དགའ་སའི་སྐྱེ་བོ་དག །

ཚུར་ལ་འོངས་ཤིང་ཕར་སོང་ཡང་།།

འཇིག་རྟེན་འཁོར་མཚམས་མ་ཆད་པས།།

ཀུན་ཀྱང་སྔར་གྱི་རྒྱུན་སྐྱོང་ངོ་།།

People I loved,

Have come and have gone,

But the world never stopped,

And we all carried on.

འཐབ་དང་རྩོད་པས་གང་བ་ཡི།།

མི་ཚེ་སླ་བའི་སྐབས་མི་སྲིད།།

ཆུད་ཟོས་བཏང་བའི་དུས་སྐབས་ཁྲོད།།

གལ་ཆེའི་སྐབས་ནི་ཇི་སྙེད་མཆིས།།

Life wasn’t easy,

And the struggles were there,

Filled with times that it mattered,

Times I just didn’t care.

རང་ཉིད་རང་རྐང་ཐོག་ཏུ་ལངས།།

རང་གི་ལམ་ཡང་བརྙེད་པ་ཉིད།།

མཚན་འགའ་མིག་ཆུས་བརླན་ནའང་།།

སྐྱ་མདས་གསར་པའི་ཉིན་བྱེད་བསུས།།

I stood on my own,

And I still found my way,

Through some nights filled with tears,

And the dawn of new days.

ད་ཆ་ན་ཚོད་རྒས་དང་ལྷན།།

སྔོན་ཆད་གལ་ཆེར་མཐོང་བ་དག །

རང་ཉིད་འདི་རུ་འཚོ་བའི་དོན།

མིན་པ་ཧ་ཅང་གསལ་པོར་གྱུར།།

And now with old age,

It’s become very clear,

Things I once found important,

Were not why I was here.

ཁོ་བོས་ཉོས་པའི་མཁོ་རྒུའི་དངོས།།

རྣམ་མང་ཇི་སྙེད་དེ་ཀུན་ཀྱང་།།

ནང་གི་སེམས་ཁ་ཚིམ་བྱེད་ཀྱི།།

ཆོས་དེ་མིན་པ་ར་འཕྲོད་གྱུར།།

And how many things,

That I managed to buy,

Were never what made me,

Feel better inside.

ཉིན་ལྟར་ཁོ་བོ་བསུན་བྱེད་ཀྱི།།

སེམས་ཁྲལ་དང་ནི་འཇིགས་སྣང་ཡང་།།

ཐ་མའི་དུས་སུ་གཏུགས་པ་ན།།

མི་མངོན་ཡལ་བར་ངེས་པ་ཡིན།།

And the worries and fears,

That plagued me each day,

In the end of it all,

Would just fade away.

གཞན་ལ་རོགས་རམ་མཁོ་བའི་དུས།།

ཇི་ཙམ་བསྙེན་པ་དེ་ཁོ་ན།།

རང་ཉིད་ལེགས་གྲུབ་བྱུང་མིན་གྱི།།

དོན་དམ་ཚད་གཞི་ཉིད་དུ་ངེས།།

But how much I reached out,

To others when needed,

Would be the true measure,

Of how I succeeded.

ཁོ་བོའི་བློ་སྙིང་བྲང་གསུམ་རྣམས།།

གཞན་ཕྱིར་ཇི་སྙེད་སྤྱད་པ་ནི།།

མཐར་ཐུག་བདག་ཉིད་གཞན་དག་ལས།།

དམིགས་ཀྱིས་བསལ་བྱེད་ཉིད་དུ་མཐོང་།།

And how much I shared,

Of my soul and my heart,

Would ultimately be,

What set me apart.

རང་གི་ནུས་པས་ལྕོགས་ཚོད་ཀྱི།།

ལེགས་ཤོས་བྱས་དང་མ་བྱས་དང་།།

རང་གིས་རང་ལ་འཛིན་པ་ཡི།།

ངོས་འཛིན་གལ་ཆེ་དོན་ཆེ་ཉིད།།

And what’s really important,

Is my opinion of me,

And whether or not,

I’m the best I can be.

ད་ནི་འཆི་བའི་དུས་རེད་ཅེས།།

མགོན་པོས་གསུངས་པའི་གོང་རོལ་དུ།

བདག་གིས་གཞན་ལ་བྱམས་པ་དང་།།

བརྩེ་བ་ཇི་ཙམ་འབུལ་ཐུབ་འགྱུར།།

And how much more kindness,

And love I can show,

Before the Lord tells me,

It’s my time to go.

སྙན་ངག་འདི་ Patricia A. Fleming གིས་བརྩམས་ཤིང་ཆུང་ཚེ་རིང་གིས་ ༢༠༢༡ ཟླ་བ་ ༤ ཚེས་ ༡༥ ཉིན་གྱི་དགོང་མོ་སིད་ཎི་གྲོང་ཁྱེར་གྱི་རང་ཁྱིམ་དུ་བསྒྱུར། ཞུ་དག་སོང་མེད།། །།

མཆན་གཅིག

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།