མདུན་ངོས། སྙན་ངག ཁྱེད་གཉིས་འཛོ... སྙན་ངག ཁྱེད་གཉིས་འཛོམས་པ་དགའ་སོང་། རྩོམ་ སྒྲིག་པ། - ༢༠༢༣ ཕྱི་ཟླ་ ༨ ཚེས་ ༢༨ ༡༧༤༢༣༢ ༠ Facebook Twitter Google+ Pinterest WhatsApp -ལམ། ལས་ལ་བསྐོས་པའི་སྤྲིན་པ་དཀར་པོ།། སེམས་ལ་བབས་པའི་མེ་ཏོག་ཡིན་པས།། ཆར་དང་ཟིལ་བའི་འདབས་མ་རེ་རེ།། སྙིང་གི་གཏིང་ལ་ག་ལེར་ཐིགས་ཡོང་།། ཞེ་ལ་ཐོགས་པའི་ཆུ་མིག་དྭངས་མོ།། ཡིད་ཀྱི་ངོགས་ལས་དལ་བུར་རྒྱུ་བས།། དྲན་པ་རྡོ་ཡི་རི་མོའི་འོད་མདངས།། ད་དུང་ཉམས་མེད་རྟིང་ལ་སྦས་ཡོད།། རྒྱུད་ལ་འཁྲོལ་བའི་དབྱངས་རྟ་སྙན་མོ།། མགྲིན་ལ་ལྷུང་བའི་སྙིང་གཏམ་ཡིན་པས།། ཡིད་ལ་མ་བརྗེད་དམ་པོར་ཆོངས་དང་།། དུས་ལ་འཕྲད་པའི་ལས་ཤིག་ཡོད་འགྲོ།། མཚོ་ལ་བབས་པའི་ཉི་མའི་འོད་མདངས།། སྙིང་ལ་འཐིམ་པའི་འཛུམ་ཆུང་ཡིན་པས།། ལོ་ལ་བསྟར་བའི་ཞེ་འདང་སོམས་དང་།། སླད་མར་འཛོམས་པའི་ལས་ཤིག་ཡོད་འགྲོ།། སྨག་ལ་བགྲོད་པའི་ཟླ་འོད་ཆུང་ཆུང་།། སེམས་ལ་སྒྲོན་པའི་བརྩེ་དུང་ཡིན་པས།། གང་ལ་འཕྲད་ཀྱང་གཅེས་པར་སྐྱོངས་དང་།། ལས་ལ་བསྐོས་པའི་ལམ་ཞིག་ཡོད་འགྲོ།།