མདུན་ངོས། སྙན་ངག དཀར་གསལ་ཟླ་བ།...

དཀར་གསལ་ཟླ་བ།

༤༨༢༠༣

མཛེས་སྡུག་ལྡན་པའི་བུ་མོ།། ཞལ་རས་དཀར་གསལ་ཟླ་བ།།

བུ་ཆུང་ང་ཡི་སེམས་པ།། བུ་མོ་ཁྱེད་ལ་ཤོར་སོང་།།

 

མཛེས་སྡུག་ལྡན་པའི་བུ་མོ།། ཕྱི་ཡི་སྤྱོད་ལམ་མཛེས་ཤིང་།།

ནང་གི་ཀུན་སྤྱོད་བཟང་བ།། བུ་ཆུང་སེམས་པ་ཤོར་སོང།།

 

ས་ཆ་གང་དུ་ཕྱིན་ཀྱང་།། མཛེས་ལྡན་བུ་མོ་ཁྱོད་ཀྱི།།

ཞལ་རས་ཡིད་ལ་འཁོར་ནས།། མཚན་མོ་གཉིད་ཐེབས་གཅོག་གི།།

 

ཞལ་རས་པད་མའི་མེ་ཏོག། །མཛེས་སྡུག་ལྡན་པའི་བུ་མོ།།

ནང་སེམས་དུང་ལས་དཀར་བ།། གཤིས་རྒྱུད་བལ་ལས་འཇམ་པ།།

 

ཉམ་ཆུང་བུ་ངའི་སེམས་པ།། བུ་མོ་ཁྱོད་ལ་ཤོར་སོང་།།

ནམ་མཁའ་བླ་མ་དཀོན་མཆོག །ཐུགས་རྗེའི་སྤྱན་གྱིས་གཟིགས་དང་།།

 

ངེད་གཉིས་བརྩེ་དུང་བར་ལ།། རྐྱེན་ངན་བར་ཆད་མེད་པར།།

ཉམ་ཆུང་ང་ཡི་སེམས་ནས།། སྨོན་ལམ་ཡང་ཡང་འདེབས་སོ།།

རྩོམ་སྔ་མ།ཨ་མའི་བཀའ་དྲིན།
རྩོམ་རྗེས་མ།གཟིགས་རྒྱང་རིང་བའི་བོད་ཀྱི་ལོ་རྒྱུས་སྨྲ་བ།
ཆབ་མདོ་ངག་ཕུན།
གུས་པ་ནི་མདོ་ཁམས་ཆབ་མདོ་ངོམས་ཀྱི་ལུང་པར་ཕྱི་ལོ་ ༡༩༦༧ ལོར་སྐྱེས། ལོ་ངོ་བརྒྱད་ནས་གྲོང་གསེབ་དམའ་རིམ་སློབ་གྲྭར་ལོ་ལྔ་ཙམ་ཕྱིན། ༡༩༨༨ ལོར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་འབྱོར་ནས་ལོ་གཉིས་རིང་སྦིར་སློབ་གྲྭར་ཕྱིན་པ་དང་། དེ་ནས་བོད་ཀྱི་དཔེ་མཛོད་ཁང་གི་འབྲིང་རིམ་དང་། མཐོ་རིམ་བོད་ཀྱི་སྐད་ཡིག་ཟབ་སྦྱོང་ལོ་བཞི་མཐར་ཕྱིན་པར་བསླབ། ༡༩༩༢ ནས་ད་ལྟའི་བར་ཤེས་རིག་པར་ཁང་ལ་ལས་ཀ་བྱེད་མུ་ཡིན། ལས་ཀའི་སྔ་དགོང་དུས་ཚོད་སྟོང་པ་ཡོད་ཚད་བེད་སྤྱད་ནས་སྒྲུང་རིང་"གངས་ཕྲུག་གི་གཏམ་རྒྱུད།" དང་། "དཔྱད་གཏམ་ཤེལ་དཀར་ཕྲེང་བ་"གཉིས་བོད་ཀྱི་དཔེ་མཛོད་ཁང་ནས་པར་སྐྲུན་གནང་བ་དང་། བརྩམས་སྒྲུང་ཕྱོགས་བསྒྲིགས་"དགའ་བའི་འཛུམ་རླབས་"དང་"གཞོན་ནུ་དགྱེས་པའི་སྒྲུང་གཏམ་"གཉིས་བོད་ཀྱི་ཤེས་རིག་པར་ཁང་ནས་པར་སྐྲུན་གནང་ཡོད་པ་བཅས། དུས་ཚོད་ནམ་ཁོམ་ལ་རྩོམ་ཡིག་ཐར་ཐོར་འབྲི་མུས་ཡིན་པའི་ལོ་རྒྱུས་སྙིང་བསྡུས་སུ།།

མཆན་གཅིག

ལན་འདེབས་གནང་།

ཁྱེད་ཀྱི་མཆན་སྤེལ་རོགས།
འདིར་ཁྱེད་ཀྱི་མིང་འཇུག་རོགས།