རྩོམ་བྲིས་གསར་ཤོས་ཁག
མ་ཡུམ་ཐོག་རྩོམ་བྲིས་གནང་སྟངས།
མཆན་གསར་ཁག
བསམ་གྲུབ། - ལྷ་ས་དྲན་གླུ།
བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེར་གསོལ་འདེབས།
བལ་པོའི་ཡུལ་འཁྲུངས་དམ་པའི་རང་རྟགས་གསལ།།
འཁྲུལ་ཞིག་བླ་མས་འཁྲུལ་མེད་ངོས་འཛིན་གནང་།།
གྲོ་མོའི་གྲྭར་ཞུགས་ཐོས་བསམ་སློབ་གཉེར་མཛད།།
ཀུན་བཟང་ཡེ་ཤེས་སྤྲུལ་བར་གསོལ་བ་འདེབས།།
དུས་འགྱུར་རྗེས་སུ་འཕགས་པའི་ཡུལ་དུ་ཕེབས།།
སྦག་སའི་འདུལ་འཛིན་དང་འགྲོགས་གདམ་པ་གསན།།
དཀའ་སྤྱད་སློབ་གཉེར་ཉམས་རྟོགས་ལྷག་ཏུ་འཕེལ།།
བཟོད་པའི་རྒྱན་ཆེན་འཆང་ལ་གསོལ་བ་འདེབས།།
བལ་ཡུལ་ཕེབས་ཏེ་བླ་མ་ཡེ་ཤེ...
བགྲོ་གླེང་གི་ལུས་ཀྱི་རྣམ་གཞག་དང་འབྲེལ་བའི་གཏམ་བཤད།
རྒྱ་གར་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་བྷོ་ཊིའི་སྡེ་ཚན་ནས་གོ་སྒྲིག་གནང་བའི་རྒྱ་གར་རྒྱལ་ཡོངས་མཁས་པའི་བགྲོ་གླེང་ཚོགས་འདུའི་ཐོག་བགྲོ་གླེང་གི་ལུས་ཀྱི་རྣམ་གཞག་དང་འབྲེལ་བའི་གཏམ་བཤད་ཡིག་འབེབས་བྱས་པ།
ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༧ ཉིན།
༄༅།། མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་པའི་རིན་པོ་ཆེ་མཆོག་དང་། གཙུག་ལག་སློབ་གཉེར་ཁང་གི་གཙོ་འཛིན་མཆོག།མཁས་དབང་རྣམ་པ། སློབ་གཉེར་པ་རྣམ་པ་ཡོངས་ལ་བཀྲ་ཤིས་བ...
རྩོམ་གླུ་ཐལ་ཚུབ་མ།
དཔེ་མང་བྲིས་བྲིས་མང་བས་སྨྱུག་ཁ་ཟད་དི།།
བློ་སྣ་གཡེང་གཡེང་མང་བས་ད་ནི་ཆད་འདའ།།
ཤོག་བུ་ཐ་ཞིང་ཡིན་རུང་རྩམ་དོ་བཅུ་ཁ།།
སྨྱུ་གུ་འཇག་རྩྭ་ཡིན་རུང་ཕྱགས་མ་ལོངས་ཚོད།།
གང་བྲིས་གད་སྙིགས་ཡིན་པའི་ཤོག་ཧྲུལ་དེ་ཚོ།།
ཅི་བྲིས་རང་འགྲེལ་དགོས་པའི་ལྐོག་ལབ་འདི་དག །
ཡར་དཀྲུག་མར་འཁོན་རྐྱང་གི་དུག་ཚིག་དེ་ཚོ།།
གནོད་ལས་ཕན་པ་མེད་ཀྱང་དར་སོ་ཆེ་ཨ།།
འབུམ་ཕྲག་པོ་ཏི་ལོངས་པའི་བོད་ཀྱི་མཛོད་ཆེན།།
ཕར་བཤུས་ཚུར་བཤུས་དོར་ན་པོ་ཏི་...
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་དགོངས་པ་རྫོགས་པར་མྱ་ངན་དང་རྗེས་དྲན་ཞུ།
༡ བཀའ་ཟུར་དམ་པ་དེ། དགུང་ལོ་བཅོ་བརྒྱད་ནས་བཟུང་བོད་མིའི་བདེན་དོན་འཐབ་རྩོད་དང་། སྤྱི་ཚོགས་ཀྱི་ཕན་བདེའི་ཆེད། ཐོག་མར་སྐད་སྒྱུར་དང་། དེ་ནས་དགེ་རྒན། དགེ་ཆེ། གཞུང་ཞབས་ལས་བྱེད། ཤེས་ཡོན་འགན་འཛིན། ཤར་ཡུ་རོབ་དང་། ཉི་ཧོང་། ཨོ་སི་ཊོ་ལི་ཡ་བཅས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དོན་གཅོད་གནང་སྟེ་བགྲེས་ཡོལ་དུ་ཕེབས། དེ་ནས་བཀའ་བློན་དུ་འདེམས་ཐོན་ལྟར་འཕྲོད་བསྟེན་བཀའ་བློན་གནང་བ་བཅས་༸གོང་ས་མཆོག་གི་བཀའ་དགོངས་དང་བ...
ཏོག་དབྱིབས་གཉན་རིམས།
བོད་དང་ཧི་མ་ལ་ཡའི་མི་རིགས་ཀྱིས་ཏོག་དབྱིབས་གཉན་རིམས་སྐོར་གྱི་གནས་ཚུལ་ཤེས་རྟོགས་འབྱུང་ལམ།
༄༅།། ཕྱི་ལོ་ ༢༠༢༠ ལོར་ཏོག་དབྱིབས་གཉན་རིམས་ Corona Virus ཁྱབ་རྗེས། ཨོ་སི་ཊོ་ལི་ཡའི་ནང་གི་བོད་པ་དང་ཧི་མ་ལ་ཡའི་མི་རིགས་ཚོས། ནད་ཡམས་དེའི་སྐོར་གནས་ཚུལ་མང་པོ་ཞིག་རང་གི་སྐད་ཡིག་གི་ཐོག་ནས་ཤེས་ཐབས་བྱེད་བཞིན་ཡོད། ཁོང་ཚོས་གནས་ཚུལ་ལེན་ས་གཙོ་བོ་ནི། དྲ་རྒྱ་(web)ད...


































